ངས་ཨ་མདོར་བསྡད་དུས་ཉིན་ལྟར་བག་ལེབ་ཟས་པ་ཡིན། ངའི་བསམ་ཚུལ་ལ་བོད་པའི་ཁ་ལག་གི་ནང་ནས་བག་ལེབ་ཡག་ཤོས་རེད། ཡིན་ན་ཡང་། ང་ཨ་མེ་རི་ཀར་ལོག་ཡོང་པའི་རྗེས་ལ་ཨ་མདོའི་བག་ལེ
བ་རྙེད་ཀྱི་མི་འདུགབྱས་ཙང་། ངས་བག་ལེབ་བཟོ་སློབ་སྦྱོང་བྱས་པ་ཡིན། བག་ལེབ་བཟོ་སློབ་སྦྱོང་བྱེད་ཡག་གི་ཆེད་དུ་ང་བོད་པའི་ཁ་ལག་གི་སྐོར་དེབ་བཙལ་དུ་དཔེ་མཛོད་ཁང་ལ་ཕྱིན་པ་ཡིན།བག་ལེབ་བཟོ་ཡག་དཀའ་ལས་ཁག་པོ་ཞེ་དྲག་མི་འདུག དང་པོ་ཧ་ཡང་གི་ནང་ལོགས་ལ་འོ་མ་དང་། མར་དང་། སྒོང་ང་གཉིས་ཡང་བླུག་པ་ཡིན། ཧ་ཡང་གཞན་དག་གི་ནང་ལོགས་ལ་གྲོ་ཞིབ་དང་ཕྱེ་སྨན (baking powder)་ཐུར་མ་གཅིག་བཞག་པ་ཡིན། དེ་ནས་ངས་རྒྱུ་ཆ་ཆ་ཚང་ཕོར་པའི་ནང་ལོགས་ལ་བླུག་པ་ཡིན། ངས་གྲོ་ཞིབ་བཛིས་པ་ཡིན། སྐར་མ་བཅོ་ལྔ་གི་རྗེས་ལ་སྤག་ཆོག་ཆོག་པ་རེད།
སྤག་ཁོག་མའི་ནང་ལོག་ལ་བཞག་བྱས་ངས་ཁོག་མའི་སྒང་ལ་ཁ་གཅོད་བཞག་པ་ཡིན། བག་ལེབ་སྐར་མ་ཉི་ཤུ་རྩ་ལྔ་སྲེག་པ་ཡིན།
ངས་བཟོས་པའི་བག་ལེག་ཨ་མདོའི་བག་ལེབ་ནང་བཞིན་ཞིམ་པོ་འདུག